ཕྱི་ནང་ཐམས་ཅད་སྐུ་གསུང་ཐུགས་རྟེན་གྱིས་གྲུབ་པ།
ཕྱི་ནང་ཐམས་ཅད་སྐུ་གསུང་ཐུགས་རྟེན་གྱིས་གྲུབ་པ།
ལྕགས་རི།
མཆོད་རྟེན་དབྱིབས་ལ་པད་འབྱུང་སྐུ་འདྲས་བཀོད་པ།
རིང་བསྲེལ་དང་བཅས་པའི་གཟུངས་བཞུགས་ཕྱོགས་བསྡུས།
གཟུངས་སྔགས་སྣ་ཚོགས།
རྟེན་རྫས་སྣ་ཚོགས།
མཆོད་རྟེན་འདིའི་ཕྱིའི་ས་གཞིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ལྔ་སྟོང་དྲུག་བརྒྱ་ཡོད། མཆོད་རྟེན་གྱི་ཕྱོགས་བཞིའི་ངོས་རེ་ལ་སྨི་ཞེ་ལྔ་དང་། གྱེན་ཐུར་གྱི་མཐོ་ཚད་སྨིས་དྲུག་བཅུ་རེ་བདུན་ཡོད། སྤྱིར་རྒྱུ་ཆ་རྡོ་དང་ཨར་འདམ་རྣོ་ལྕགས་རྡོ་ཀ་མ་རུ་པ་དག་ལས་གྲུབ་པ་ཡིན། བྱེ་བྲག་དབུ་རྩེའི་ཏོག་ནོར་བུ་ཉི་ཟླ་ཟར་ཚགས་ཆོས་འཁོར་བཅུ་གསུམ་པད་གདན་བྲེ་རྣམས་ཟངས་གསེར་དག་མ་ལས་གྲུབ་པ་ལ་དྲིལ་གཡེར་བརྒྱ་རྩ་སོགས་ཀྱི་རྒྱན་སྤྲས་བྱས་ཡོད། ཆོས་འཁོར་དང་ཉི་ཟླ་ནོར་བུའི་མཐོ་ཚད་སྨི་བཅུ་དྲུག་ཡིན། སྲོག་ཤིང་གུ་རུ་པདྨའི་ཞབས་ཀྱིས་བཅག་ཤིང་བྱིན་གྱིས་རླབས་པའི་སྦས་ཡུལ་པདྨ་བཀོད་ནས་གདན་དྲངས་པའི་ཙནྡན་དཀར་པོ་མཐོ་ཚད་སྨི་ཉི་ཤུ་ཅན་རྩ་མཇུག་དང་ཤར་ནུབ་མ་ནོར་བ་རྩེ་མོར་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པ་ཅན་ལ་གཟུངས་སྔགས་སྣ་ཚོགས་གཞུང་བཞིན་གསེར་ཡིག་གིས་བྲིས་ཡོད།