བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

རྟེན་རྫས་སྣ་ཚོགས།

སྐུ་གདུང་རིང་བསྲེལ་སྐོར།

 

   གསུམ་པ་སྐུ་གདུང་རིང་བསྲེལ་སྐོར་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམས་རིལ། གུ་རུ་ཆོས་དབང་གི་སྐུ་རུས། གཏེར་ཆེན་སངས་རྒྱས་གླིང་པའི་གདུང་རུས། གཏེར་ཆེན་ཀློང་གསལ་སྙིང་པོའི་གདུང་ཐལ། ཀུན་མཁྱེན་འཇིགས་མེད་གླིང་པའི་སྐུ་ཤ་འཁྲུལ་མེད་ཀྱི་རིལ་བུ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདུང་རུས་ས་སྐུ། ཀཿཐོག་སི་ཏུའི་གདུང་རུས། ཨ་བོའི་བླ་མ་བསྟན་འཛིན་དར་རྒྱས་ཀྱི་དབུ་ཐོད་འཁྲུལ་མེད། སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེའི་དབུ་ཐོད། ཀུན་གཟིགས་རྡོ་རྗེ་འཆང་མཁན་མུན་སེལ་གྱི་གདུང་རུས། མཁན་ཆོས་ཁྱབ་ཀྱི་གདུང་རུས། དཔལ་ཡུལ་ཀུན་བཟང་ཤེས་རབ་ཀྱི་དབུ་ཐོད་རིལ་བུ། ཞེ་ཆེན་རྒྱལ་ཚབ་ཀྱི་གདུང་རིལ། ཁྲོམ་དགེ་ཨ་རིག་གི་གདུང་རུས་རིལ་བུ། དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེའི་གདུང་རུས་རིལ་བུ། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་གདུང་ཆས་དང་རྟེན་འདུས་རིལ་བུ་མཉམ་བསྒྲིལ། སྨིན་གླིང་ཁྲི་ཆེན་རིན་པོ་ཆེའི་གདུང་ཚྭ་རིལ་བུ། ཀརྨ་པའི་འཕེལ་གདུང་རིལ་བུ། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གདུང་རུས། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གདུང་ཚྭ་རིལ་བུ། མཆོག་གླིང་གཏེར་བྱོན་སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམ་རིལ། གཞན་ཡང་ལྷ་སའི་རག་མོ་ཆེའི་ཇོ་བོའི་སྐུ་ནས་ཐོན་པའི་རིན་ཆེན་བཙོ་ཐལ་སོགས་ཡོད། 

 

སྐུ་བལ་རིང་བསྲེལ་གྱི་སྐོར།

 

   བཞི་པ་སྐུ་བལ་རིང་བསྲེལ་གྱི་སྐོར་ལ། གུ་རུའི་དབུ་སྐྲ་འཁྲུལ་མེད་གཏེར་བྱོན། ཨོ་རྒྱན་འགྲོ་འདུལ་གླིང་པའི་དབུ་སྐྲ་དང་ཤངས་མཚལ། གྲུབ་ཆེན་ཀརྨ་པཀྴའི་སྐུ་ཤ་རིལ་བུ། རིན་ཆེན་གླིང་པའི་དབུ་སྐྲ། ཆོས་རྗེ་ཡིད་བཞིན་ནོར་བུའི་དབུ་སྐྲ། མདོ་མཁྱེན་བརྩེའི་དབུ་སྐྲ། སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེའི་སྐུ་ཚེ་དེ་ཉིད་ཀྱི་རུས་རྐང་དང་སྐུ་ཆིང་དབུ་སྐྲ། གུ་རུ་རིན་པོ་ཆེའི་དབུ་ཞྭ་ཤེའུ་སྙན་ཞུའི་རིལ་བུ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ན་བཟའ། ཀུན་མཁྱེན་འཇིགས་མེད་གླིང་པའི་བཞུགས་གདན་དང་ན་བཟའ། གངས་རིའི་མགོན་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཕྱག་ནས་གནང་བའི་གདིང་བ། མངའ་བདག་ཉང་གི་དབུ་ལོའི་རིལ་བུ། གཏེར་ཆེན་མི་འགྱུར་རྡོ་རྗེའི་ན་བཟའ། ས་པཎ་གྱི་དབུ་ཞ་རིལ་བུ། རིག་འཛིན་ཀློང་གསལ་སྙིང་པོའི་དབུ་སྐྲ། སྐྱབས་རྗེ་ཕྱག་ཚ་སྐུ་ཕྲེང་གསུམ་པ་ཀུན་བཟང་ངེས་དོན་དབང་པོའི་མནབ་གཟན། སྐྱབས་རྗེ་ཀཿཐོག་ཕྱག་ཚ་སྐུ་ཕྲེང་བཞི་པ་པདྨ་འཕྲིན་ལས་རྒྱ་མཚོའི་དབུ་ཞ་དང་དབུ་སྐྲ་འཁྲུལ་མེད། རི་ཤུལ་མཁན་ཆེན་དྲི་མེད་འོད་ཟེར་གྱི་མཁན་ཞྭ་དང་ཆོས་གོས་ཞལ་འདོན་བཅས། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར་ཀྱིས་མནབ་སྟོད་འཁྲུལ་མེད། རྫོགས་ཆེན་དཔལ་སྤྲུལ་གྱི་ན་བཟའ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ན་བཟའ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ན་བཟའ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ན་བཟའ། མུ་ར་སྤྲུལ་སྐུའི་ན་བཟའ། དྲི་མེད་ཞིང་སྐྱོང་གི་ན་བཟའ། རྫ་མུ་ར་སྤྲུལ་སྐུའི་དབུ་ལོའི་རིལ་བུ། མཁན་ངག་ཆུང་རིན་པོ་ཆེའི་ན་བཟའ། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཡུམ་གྱི་དབུ་སྐྲ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གདུང་ཚྭ་རིལ་བུ། མི་ཕམ་རིན་པོ་ཆེའི་ན་བཟའ། འཇམ་དབྱངས་བློ་གཏེར་དབང་པོའི་ན་བཟའ། རྡོ་གྲུབ་གོང་མའི་ན་བཟའ། འཇིགས་མེད་རྒྱལ་བའི་མྱུ་གུའི་ན་བཟའ། མཆོག་འགྱུར་བདེ་ཆེན་གླིང་བའི་ན་བཟའ། མཁན་ཆེན་ཆོས་ཁྱབ་ཀྱི་ན་བཟའ། དིལ་མགོ་མཁྱེན་བརྩེའི་ན་བཟའ། འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན་གྱི་ན་བཟའ་འཁྲུལ་མེད། གནམ་ཆོས་མི་འགྱུར་རྡོ་རྗེའི་ན་བཟའ། ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ན་བཟའ། སྟོང་སྐོར་ཞབས་དྲུང་གི་ཆབ་རིལ་གྱི་ཏོག ཐོག་རྒོད་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱི་ཆོས་གོས། སྐྱབས་མགོན་དགེ་རྩེ་མ་ཧ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྐེད་ཕུར་འཁྲུལ་མེད། ར་ལི་བླ་མ་ཨ་པཎ་གྱི་ཕུད་ཀོང་སྤྲུལ་ཀུན་ལོའི་ཕྱག་ནས་གནང་བ་འཁྲུལ་མེད་བྱིན་ལྡན། མཁན་ཆེན་རིན་པོ་ཆེ་བསམ་གཏན་མཆོག་གི་ཟླ་གམ། སེ་ར་མཁའ་འགྲོའི་རྩ་བའི་ཆོས་བདག་བཞིའི་ཡ་གྱལ་རྩ་ཤུལ་བླ་མ་དོན་ལིའི་སྒོམ་ཐག་དང་སྐུ་ཆིང་། ཀུན་གཟིགས་རིན་པོ་ཆེ་མཁན་ཆེན་མུན་སེལ་གྱི་ན་བཟའ། གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱིས་ན་བཟའ། གཞན་ཡང་སངས་རྒྱས་གླིང་པའི་སྨན་སྒྲུབ། སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པས་ལོ་གསུམ་ཚེ་སྒྲུབ་མཛད་པའི་ཚེ་རྫས་ཁྱད་འཕགས། ཀླུ་ཕུག་ཚེ་དབང་རིག་འཛིན་ནས་དཔལ་ཆེན་འདུས་པ་ལོ་དགུའི་རིང་ལ་སྒྲུབ་པའི་གཏོར་མ་རིལ་བུ། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བསྒྲུབ་གནང་རྟེན་འདུས་རིལ་བུ། འཇམ་དབྱངས་མཁྱེན་བརྩེའི་རྟེན་གྱི་ནང་གཞུག་ཕྱོགས་བསྡུས་རིལ་བུ། འཇའ་ལུས་པ་ཨ་ཆོས་ཀྱི་མ་ཎིའི་རིལ་བུ། མཁྱེན་ཀོང་མཆོག་གསུམ་དང་ཀརྨ་པ་རང་བྱུང་རྡོ་རྗེས་བསྒྲུབ་པའི་མ་ཎིའི་རིལ་བུ། རྒྱ་གར་རྡོ་རྗེ་གདན་གྱི་ས་དགེ་བཀའ་རྙིང་ཇོ་ལུགས་སོགས་ཀྱི་སྨོན་ལམ་འཚོགས་ཐེངས་དུ་མའི་རིལ་བུ། བླ་རུང་དགེ་འདུན་འབུམ་འཚོགས་རིལ་བུ། ཚེ་སྒྲུབ་རིལ་བུ། ཡ་ཆེན་བསྒྲུབ་ཆེན་རིལ་བུ། ཀཿ་ཐོག་ཁྲི་གྲྭའི་རིལ་བུ། ཁྲ་གླིང་རྟེན་འདུས་བསྒྲུབ་པའི་རིལ་བུ། སྡེ་དགེའི་རྫོང་གསར་དགོན་གྱི་རྟེན་འདུས་རིལ་བུ། གོང་ས་སྐྱབས་མགོན་རིན་པོ་ཆེའི་གནང་བའི་རྟེན་འདུས་མ་ཎི་རིལ་བུ་རྒྱ་མ་བཅུ། བྱ་བྲལ་སངས་རྒྱས་རྡོ་རྗེས་གནང་བའི་རྟེན་འདུས་རིལ་བུ། ཕྱག་སྤྲུལ་རིན་པོ་ཆེའི་རྟེན་འདུས་རིལ་བུ། གྲྭ་དགོན་གྱི་སྔོན་ནས་ད་བར་ཀྱི་སྐུ་གསུམ་བསྒྲུབ་པའི་རྟེན་འདུས་རིལ་བུ། གྲྭ་ལག་བླ་མ་བྱང་ཆུབ་རྡོ་རྗེའི་རྟེན་འདུས་སྐལ་བཟང་ཡིད་ཀྱི་དགའ་སྟོན་རིལ་བུ། ངག་ཆུང་རིན་པོ་ཆེའི་གཏེར་མཛོད་རིལ་བུ། མཆོག་སྤྲུལ་དགེ་ལེགས་ཉི་མའི་གཏེར་མཛོད་རིལ་བུ། སྤྲུལ་ཀུན་བཟང་ཉི་མའི་རྟེན་འདུས་རིལ་བུ། རྒྱ་གར་བྱང་ཆུབ་ཤིང་གི་ལོ་མ། སྦས་ཡུལ་པདྨ་བཀོད་ཀྱི་རྩྭ་ཨ་ཝ་དྷུ་ཏི། སྦས་ཡུལ་པདྨ་བཀོད་ཀྱི་མེ་ཏོག་ངོ་མཚར་ཅན། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་བྱིན་ལྡན་མཆོད་རྟེན་དུ་མའི་དཀར་རྩི། གངས་ཏི་སེ་སོགས་གནས་ཆེན་གངས་རི་དུ་མའི་གངས་རྩི་སོགས། རྒྱས་པར་བརྗོད་ན་ཡི་གེ་མང་བས་མདོར་ན། རྒྱ་གར། རྒྱ་ནག་བལ་ཡུལ། འབྲུག་ཡུལ། བོད་ཡུལ་སོགས་ཀྱི་གནས་ཆེན། གནས་ཆུང་དུ་མའི་ས་སྣ། ཆུ་སྣ། གནས་རྩྭ། གནས་ཤུག་གཏེར་རྡོ། གཏེར་ཆུ་བྱིན་ལྡན་རྩ་ཆེན་ཐམས་ཅད་ཆ་ཤས་རེ་མ་ཚང་མེད་པ་གསེར་སྡོང་འདིའི་ནང་ལ་གཞུག་ཡོད་དོ། །

 

 

ཐང་སྐུའི་སྐོར།

 

   ཐང་སྐུའི་སྐོར་ལ། བཀྲ་ཤིས་བརྒྱད་པའི་ཐང་ག་ཁྲི་ལྔ། བསམ་པ་མྱུར་འགྲུབ་མའི་ཐང་ག་ཁྲི་ལྔ། ལོ་སུམ་བརྒྱ་ལོན་པའི་བཀའ་ཐང་གི་ཐང་རྙིང་ཆ་གཅིག ཐང་ཤར་བཅུ་གཉིས། འོད་དཔག་མེད་ཀྱི་ཐང་སྐུ་ས་ཡ་གཅིག་བྱེ་བ་དགུ་འབུམ་བདུན། གུ་རུའི་ཐང་སྐུ་ས་ཡ་གཅིག་དང་བྱེ་བ་གསུམ་འབུམ་གཉིས། ཐུགས་རྗེ་ཆེན་པོའི་ཐང་སྐུ་བྱེ་བ་གཉིས་འབུམ་གསུམ། གདུགས་དཀར་ཐང་སྐུ་བྱེ་བ་གཉིས། རྡོར་སེམས་ཐང་སྐུ་བྱེ་བ་བདུན། སྨན་བླའི་ཐང་སྐུ་བྱེ་བ་གསུམ་དང་འབུམ་གཉིས། འཛམ་ལྷའི་ཐང་སྐུ་བྱེ་བ་གཉིས་འབུམ་གཉིས། ཚེ་ལྷ་རྣམ་གསུམ་གྱི་ཐང་སྐུ་བྱེ་བ་བདུན་འབུམ་བཞི། སྒྲོལ་དཀར་ཐང་སྐུ་བྱེ་བ་བཞི་འབུམ་དགུ། སྟོན་པ་བྱེ་བ་བཞི་དང་འབུམ་གསུམ། ཕྱག་རྡོར་བྱེ་བ་གཉིས་འབུམ་དགུ། མི་འཁྲུགས་པ་བྱེ་བ་གསུམ་དང་འབུམ་བརྒྱད། འཇམ་དབྱངས་བྱེ་བ་གཉིས་འབུམ་གཉིས། སངས་རྒྱས་སྟོང་སྐུ་འབུམ་གཅིག དུས་གསུམ་སངས་རྒྱས་སྐུ་འབུམ་གསུམ། ས་སྙིང་བྱེ་བ་གཉིས་འབུམ་གཅིག བྱམས་པ་འབུམ་གཅིག ཚེ་དཔག་མེད་བྱེ་བ་གཅིག་དང་འབུམ་ལྔ། སྒྲོལ་ལྗང་བྱེ་བ་ལྔ་དང་འབུམ་དགུ། ཕུར་ཐང་བྱེ་བ་གཅིག ཀླུ་དབང་རྒྱལ་པོའི་སྐུ་འབུམ་གསུམ། རིགས་གསུམ་མགོན་པོ་བྱེ་བ་གསུམ་འབུམ་བདུན། རྟ་མགྲིན་འབུམ་གཅིག རྗེ་བླ་མའི་སྐུ་འབུམ་བཞི། གེ་སར་འབུམ་སྐུ་གཅིག དཔལ་ལྡན་ལྷ་མོ་འབུམ་སྐུ་གཅིག བཀྲ་ཤིས་བརྒྱད་པའི་ཐང་སྐུ་སུམ་ཁྲི་ཉིས་སྟོང་། བསམ་ལྷུན་ཐང་སྐུ་སུམ་ཁྲི་ཉིས་སྟོང་། བཀའ་མའི་ཞལ་ཐང་དྲུག་བརྒྱ་སོ་གཉིས། དཔལ་ལྡན་ལྷ་མོའི་སྐུ་ལྔ་བརྒྱ། སྨན་བླའི་སྐུ་དྲུག་བརྒྱ་བཅས་བཞུགས། 

 

བསྲུང་འཁོར་ཀྱི་སྐོར། 

 

   བསྲུང་འཁོར་ཀྱི་སྐོར་ལ། དགེ་འདུན་འདུ་འཁོར་གཅིག་འབུམ་ལྔ་ཁྲི། དགེ་འདུན་མཐུན་འཁོར་ཁྲི་ལྔ། དགོངས་འདུས་བསྲུང་བརྒྱ་མ་ཆ་ལྔ། སོ་སོར་འབྲང་མིའི་བསྲུང་འཁོར་ཆ་བརྒྱ་དང་བརྒྱད། འོད་ཟེར་དྲི་མེད་བསྲུང་འཁོར་བདུན་སྟོང་བདུན་བརྒྱ། གཙུག་ཏོར་དྲི་མེད་བསྲུང་འཁོར་བདུན་སྟོང་བདུན་བརྒྱ། སྲོག་ཤིང་བརྟན་པའི་ཙཀྲ་བརྒྱ་རྩ་བརྒྱད། ཛཾ་ལྷའི་བསྲུང་འཁོར་བདུན་སྟོང་བདུན་བརྒྱ། བསམ་ལྷུན་བསྲུང་འཁོར་ཆ་ཉིས་སྟོང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསྲུང་འཁོར་ཉིས་སྟོང་། འཇམ་དབྱངས་སྐུ་འཁོར་ཚེ་བསོད་རིག་གནས་སྟོབས་སྤེལ་ཉིས་སྟོང་། ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་གྲིབ་བསྲུང་གསེར་གྱི་ཕ་བོང་ཉིས་སྟོང་། མིག་ནད་ཀྱི་བསྲུང་འཁོར་ཉིས་སྟོང་། དཔལ་ལྡན་རི་ཁྲོད་ལོ་མ་ཅན་གྱི་བསྲུང་འཁོར་ཡིད་བཞིན་ནོར་བུ་ཉིས་སྟོང་། གུ་རུ་ཡང་ཁྲོས་ཀྱི་གཉན་རིམས་བསྲུང་བའི་འཁོར་ལོ་ཉིས་སྟོང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་བཀའི་ཡང་རྫོང་གི་བསྲུང་འཁོར་ཉིས་སྟོང་། སྒྲོལ་མ་དཀར་མོའི་ཚེ་བསྲིང་བསྲུང་འཁོར་ཉིས་སྟོང་། སྲི་བཟློག་འཁོར་ལོ་འབར་བའི་བསྲུང་འཁོར་ཉིས་སྟོང་། བྱང་གཏེར་སྲི་བསྲུང་འཁོར་ལོ་འབར་བ་ཉིས་སྟོང་། སེང་གདོང་མའི་བསྲུང་འཁོར་ཉིས་སྟོང་། འོད་ཟེར་ཅན་མའི་སྒོ་ནས་བསྲུང་བའི་འཁོར་ལོ་འཇིགས་པ་ཀུན་ཐུབ་ཉིས་སྟོང་། རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་འཁོར་ཉིས་སྟོང་། དཔལ་ཕྱག་ན་རྡོ་རྗེའི་གྲ་སྡོམ་འབྱུང་པོ་འདུལ་བྱེད་ཀྱི་བསྲུང་འཁོར་ཉིས་སྟོང་། ཛམ་བྷ་ལའི་བསྲུང་འཁོར་བཀའ་རྒྱ་མ་ཉིས་སྟོང་། གདུགས་དཀར་པོ་ཅན་གྱི་བསྲུང་འཁོར་ཉིས་སྟོང་། ཁྲོ་རྒྱལ་རྨེ་བ་བརྩེགས་པའི་བསྲུང་འཁོར་ཉིས་སྟོང་། བྱིས་པའི་སྲི་བསྲུང་ཟབ་མོ་ཉིས་སྟོང་། བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ་ཉིས་སྟོང་། གུ་དྲག་དཀར་པོ་ཁྱུང་ཞོན་ཅན་གྱི་བསྲུང་འཁོར་བརྒྱ་རྩའི་ལྡེ་མིག་ཉིས་སྟོང་། རིག་བྱེད་མའི་དབང་སྡུད་འཁོར་ལོ་ཉིས་སྟོང་། འཆི་མེད་ཚེ་ཡི་བསྲུང་འཁོར་ཉིས་སྟོང་། བྱ་ཁྱུང་དྲག་པོའི་རིམས་བསྲུང་ཉིས་སྟོང་། རིགས་རྒྱུད་སྤེལ་བའི་བསྲུང་འཁོར་ཉིས་སྟོང་། རྟ་མགྲིན་ལྕགས་རལ་ཅན་གྱི་བསྲུང་འཁོར་ཉིས་སྟོང་། གུ་རུ་དྲག་ཁྲོས་ཀྱི་གཉན་རིམས་བསྲུང་འཁོར་ཉིས་སྟོང་། གྲོ་ལོད་རྟ་ཁྱུང་འབར་བའི་བསྲུང་འཁོར་ཉིས་སྟོང་། 

 

 

གློག་འཁོར་སྐོར། 

 

གློག་འཁོར་སྐོར། དབང་སྡུད་གསོལ་འདེབས་ཚར་སུམ་ཁྲི་དགུ་སྟོང་ཅན་གྱི་འཁོར་ལོ་བརྒྱད།

 

སྲོག་འཁོར་དང་བཏགས་གྲོལ་གྱི་སྐོར།

 

   སྲོག་འཁོར་དང་བཏགས་གྲོལ་གྱི་སྐོར་ལ། ཀར་གླིང་གཏེར་བྱོན་སྒྱུ་འཕྲུལ་ཞི་ཁྲོའི་བཏགས་གྲོལ་ཕུང་པོ་རང་གྲོལ་རྒྱས་པ་ཆ་ཉིས་སྟོང་། གནམ་ཆོས་མི་འགྱུར་རྡོ་རྗེའི་གཏེར་བྱོན་ཀར་གླིང་ཞི་ཁྲོའི་བཏགས་གྲོལ་འབྲིང་པོ་ཆ་ཉིས་སྟོང་། ཀར་གླིང་ཞི་ཁྲོའི་བཏགས་གྲོལ་བསྡུས་པ་ཆ་ཉིས་སྟོང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བཏགས་གྲོལ་ཆ་ཉིས་སྟོང་། གྲོང་ཁྱེར་གྲོལ་བའི་འཁོར་ལོ་ཆ་ཉིས་སྟོང་། དགོངས་འདུས་མཐོང་གྲོལ་ཆེན་མོ་ཆ་ཉིས་སྟོང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་བཏགས་གྲོལ་ཆ་ཉིས་སྟོང་། བཱི་མ་ཡང་ཏིག་ལས་གསུངས་པའི་བཏགས་གྲོལ་འཁོར་ལོ་ཆ་ཉིས་སྟོང་། པདྨའི་སྙིང་ཐིག་ཐུགས་ཀྱི་ཏནྡྲ་ལས་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་བཏགས་གྲོལ་འཁོར་ལོ་ཆ་ཉིས་སྟོང་། རིག་འཛིན་སྲོག་གི་དཔལ་གྱི་གདུ་བུ་ཆ་ཉིས་སྟོང་། བླ་མ་འདུས་པའི་སྲོག་འཁོར་ཉིས་སྟོང་། རིག་འཛིན་འདུས་པའི་སྲོག་འཁོར་ཉིས་སྟོང་། བླ་མ་སྤྱིའི་སྲོག་འཁོར་ཉིས་སྟོང་། ཡི་དམ་སྤྱིའི་སྲོག་འཁོར་ཉིས་སྟོང་། ཀློང་སྙིང་ཡུམ་ཀའི་སྲོག་འཁོར་ཉིས་སྟོང་། ཡི་དམ་རྡོ་རྗེ་སེམས་དཔའི་སྲོག་འཁོར་ཉིས་སྟོང་། ཐུགས་སྒྲུབ་དགོངས་འདུས་བཀའ་བརྒྱད་སྲོག་འཁོར་ཉིས་སྟོང་། ཐུགས་སྒྲུབ་དགོངས་འདུས་མཚན་བརྒྱད་གུ་རུའི་སྲོག་འཁོར་ཉིས་སྟོང་། ཕུར་པའི་སྲོག་འཁོར་ཉིས་སྟོང་། བཱི་མ་སྙིང་ཐིག་མ་བུའི་བཏགས་གྲོལ་འཁོར་ལོ་ཉིས་སྟོང་། སྒྲུབ་ཐབས་ཀུན་འདུས་གདུགས་དཀར་ཙཀྲ་ཉིས་སྟོང་། གནམ་ཆོས་དགོངས་གཏེར་དགེ་འདུན་འདུ་འཁོར་ཉིས་སྟོང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་འཁོར་ཉིས་སྟོང་བཅས་བཞུགས། 
   གཞན་ཡང་གནོད་སྦྱིན་བང་མཛོད་སོགས་ཀྱི་ནང་གཞུག་ནི། སྣོད་བཅུད་ཀྱི་རྒུད་པ་མཐའ་དག་སེལ་ཞིང་ས་ཡི་བཅུད་མི་ཕྱུག་གི་གཡང་སོགས་ཀྱི་ལེགས་ཚོགས་མཐའ་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱི་ཆེད་དུ། རིན་ཆེན་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རིན་ཆེན་སྣ་ལྔ་སོགས་གསེར་དངུལ་སྣ་ཚོགས། གོ་མཚོན་རྣམ་ལྔ་སོགས་དགྲ་ཆས་སྣ་ཚོགས། གོས་དར་སྣ་ལྔ་སོགས་རས་གོས་སྣ་ཚོགས། །འབྲུ་རིགས་སྣ་ལྔ་སོགས་འབྲས་བུ་སྣ་ཚོགས། ཨ་བར་སྐྱུར་གསུམ་སོགས་སྨན་རིགས་སྣ་ཚོགས། ཙན་དན་དཀར་དམར་སོགས་ཤིང་རིགས་སྣ་ཚོགས། གཡུ་བྱུར་གཟི་མཆོང་མར་གད་སྤོས་ཤེལ་ཆུ་ཤེལ་པདྨ་ར་ག་སོགས་རིན་ཆེན་རིགས་སྣ་ཚོགས་དང་དུང་ཆེན་དུང་ཆུང་སོགས་དུང་དང་མུ་ཏིག་སྣ་ཚོགས་ཀྱི་བྱེ་བྲག་མ་ཚང་མེད་པའི་ས་སྙིང་གཏེར་བུམ། ཉེས་སེལ་བུམ་པ། བོད་ཡུལ་བདེ་བའི་བུམ་པ། ཛམ་ལྷའི་བུམ་པ་བཅས་ཁྱོན་གཏེར་བུམ་ཆེ་ཆུང་ཉིས་སྟོང་དྲུག་བཅུ་རེ་བཞི་ལྷག་ཙམ་གཞུགས་ཡོད། གཞན་ཡང་ཟླ་རྒྱུད་གྲྭ་དགོན་ལྷ་སྡེ་ཚོ་ཁག་བཅུ་བཞི་པོའི་ཚོ་སྡེ་རེ་རེ་བཞིན་དར་ཟབ་ཇ་མར་འབྲུ་རིགས་སོགས་ཡོ་བྱད་གྱ་ནོམ་པ་སེར་སྣའི་དྲི་མ་དང་མ་འདྲེས་པའི་རིགས་སྣ་ཚོགས་ཟོང་འཁོར་གང་རེ་ཕུལ་ནས་བང་མཛོད་ནང་གཞུགས་ལ་སྣོད་བཅུད་ཀྱི་རྒུད་པ་མཐའ་དག་སེལ་ཕྱིར་དུ་བཞག་ཡོད་དོ། །