བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

ཐུན་མིན་གྱི་མཚན་རྟགས།

   འཛམ་གླིང་ཞི་བདེའི་གསེར་སྡོང་ཆེན་མོ་མཐོང་བ་རང་གྲོལ་སྲིད་གསུམ་ཐ་གྲུ་ཡངས་པའི་རྒྱན་ཞེས་པའི་བཀྲ་ཤིས་མཚན་གྱི་ཅོད་པན་འདི་ནི༧གངས་རིའི་བླ་མ་འཇིག་རྟེན་དབང་ཕྱུག་མགོན་པོས་གསོལ་བ་ཡིན། དེ་དང་མཚུངས་པར་བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་ཞེས་པའི་མཚན་གྱི་ཅོད་པན་ཞིག་ཀྱང་སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བསྩལ་བ་ཡིན་པས་འཕགས་བོད་མཁས་གྲུབ་དུ་མས་བོད་ཡུལ་དུ་མཆོད་རྟེན་འདི་འདྲ་ཞིག་ལེགས་པར་བཞེངས་ན་བཟང་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།